你在哪里歌词
作词 : 普布朗杰
作曲 : 普布朗杰
ཁྱེད་རང་ག་པར་ཡོད།
编曲:旦旦
演唱:丹巴旺姆
ངས་ཁྱེད་རང་མཐོང་མྱོང་།
ངས་ཁྱེད་རང་ངོ་ཤེས་ཀྱིན་ཡོད།
ངས་ཁྱེད་རང་མཐོང་མྱོང་།
ངས་ཁྱེད་རང་ངོ་ཤེས་ཀྱིན་ཡོད།
མ་རེད། ངེད་གཉིས་ཀྱིས་སྐད་ཆ་བཤད་མྱོང་ཡོད་པ་མ་རེད།
ཁྱེད་རང་ཡང་བསྐྱར་མཇལ་ཡོང་བསམ།
ཁྱེད་དང་ཉིན་གཅིག་ཐུག་ན་བསམ།
ལོ་དང་ཟླ་བ་ཕྱིན་སོང་།
ཁྱེད་རང་མཇལ་རྒྱུ་མི་འདུག
ཁྱེད་རང་ག་པར་ཡོད།
ངས་གཞས་འདི་ཁྱེད་ལ་བྲིས་པ་ཁྱེད་ཀྱིས་ཤེས་རྒྱུ་མ་རེད།
ངས་གཞས་འདི་ཁྱེད་ལ་བཏང་བ་ཁྱེད་ཀྱིས་ཤེས་རྒྱུ་མ་རེད།
ངས་གཞས་འདི་ཁྱེད་ལ་བྲིས་པ་ཁྱེད་ཀྱིས་ཤེས་རྒྱུ་མ་རེད།
ངས་གཞས་འདི་ཁྱེད་ལ་བཏང་བ་ཁྱེད་ཀྱིས་ཤེས་རྒྱུ་མ་རེད།
དངོས་གནས་གཞས་འདི་ཁྱེད་ལ་བྲིས་པ་ཡིན།
ཁྱེད་རང་གི་ཆེད་དུ་བྲིས་པ་ཡིན།
ཁྱེད་རང་ག་པར་ཡོད།
ངས་ཁྱེད་རང་མཐོང་མྱོང་།
ངས་ཁྱེད་རང་ངོ་ཤེས་ཀྱིན་ཡོད།
ངས་ཁྱེད་རང་མཐོང་མྱོང་།
ངས་ཁྱེད་རང་ངོ་ཤེས་ཀྱིན་ཡོད།
མ་རེད། ངེད་གཉིས་ཀྱིས་སྐད་ཆ་བཤད་མྱོང་ཡོད་པ་མ་རེད།
ཁྱེད་རང་ཡང་བསྐྱར་མཇལ་ཡོང་བསམ།
ཁྱེད་དང་ཉིན་གཅིག་ཐུག་ན་བསམ།
ལོ་དང་ཟླ་བ་ཕྱིན་སོང་།
ཁྱེད་རང་མཇལ་རྒྱུ་མི་འདུག
ཁྱེད་རང་ག་པར་ཡོད།
ངས་སྙིང་གཏམ་གཞན་ལ་བཤད་མ་ཐུབ་པར།
གཞས་འདིའི་ནང་ལ་བྲིས་ནས་ཡོད།
ངས་སྔོན་མ་ནས་ཁྱེད་ལ་ཞུ་མ་ཐུབ་པར།
ང་ལ་འཁང་སེམས་ཡོད་པ་ཞུ།
ཁྱེད་རང་ག་པར་ཡོད།